青青
一、居家日常消毒有哪些要点?
青青
居家消毒应以清洁为主,消毒为辅,消毒并非必须用消毒剂,居家优先使用阳光暴晒、热力等物理消毒方法。应对重点环节、对象进行消毒,如餐饮具、快递、门把手等。消毒剂应按照使用说明书,根据不同消毒对象,配制合适浓度,以适当的消毒方法开展。消毒时做好个人防护,配制消毒剂需佩戴口罩、手套,并在通风良好的环境下进行,配制好的消毒剂尽快使用。
ཨོ་ལོ།
དང་པོ། ཁྱིམ་སྡོད་ཀྱི་ཉིན་རེའི་དུག་སེལ་ལ་གནད་འགག་གང་དག་ཡོད།
ཨོ་ལོ།
ཁྱིམ་དུ་སྡོད་དུས་དུག་སེལ་གཙོ་བོ་ནི་གཙང་སྦྲ་བྱེད་རྒྱུ་དེ་ཡིན་ཞིང་དུག་སེལ་ནི་ཨང་གཉིས་པར་འཇོག་དགོས། དུག་སེལ་བྱེད་པར་ངེས་པར་དུ་དུག་སེལ་སྨན་རྫས་སྤྱོད་དགོས་མེད་ལ། ཁྱིམ་དུ་སྡོད་དུས་ཉི་འོད་དང་ཚ་ཤུགས་སོགས་དངོས་ཁམས་ཀྱི་དུག་སེལ་བྱ་ཐབས་སྔོན་ལ་སྤྱོད་དགོས། གཙོ་གནད་ལྷུ་ཚིགས་དང་ཁ་གཏད་ལ་དུག་སེལ་བྱེད་དགོས་པ་སྟེ། དཔེར་ན་བཟའ་བཏུང་ཡོ་བྱད་དང་། མྱུར་སྐྱེལ། སྒོ་འཛིན་སོགས་ལྟ་བུ། དུག་སེལ་སྨན་རྫས་བེད་སྤྱོད་བྱེད་དུས་དེའི་བེད་སྤྱོད་གསལ་བཤད་ཡི་གེ་ལྟར། ཅ་ལག་མི་འདྲ་བ་ལྟར་འོས་འཚམ་གྱི་གར་ཚད་སྡེབ་སྦྱོར་བྱས་ཏེ་དུག་སེལ་བྱ་ཐབས་འོས་ཞིང་འཚམ་པའི་སྒོ་ནས་སྤེལ་དགོས། དུག་སེལ་བྱེད་དུས་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་པ་དང་དུག་སེལ་སྨན་རྫས་སྦྱོར་བཟོ་བྱེད་སྐབས་ཁ་རས་རྒྱག་པ་དང་ལག་ཤུབས་གྱོན་དགོས་པ་མ་ཟད། རླུང་རྒྱུག་བདེ་བའི་ཁོར་ཡུག་འོག་དུག་སེལ་བྱེད་དགོས་པ་དང་སྡེབ་སྦྱོར་བྱས་ཟིན་པའི་དུག་སེལ་སྨན་རྫས་གང་མྱུར་བེད་སྤྱོད་གཏོང་དགོས།
青青
二、如何做好室内空气消毒?
青青
开窗通风即可,推荐持续开窗通风,不能持续的,每日上、下午至少各开窗 1 次,每次 30 分钟以上。不能开窗通风或通风不良的,可使用电风扇、排风扇等机械通风方式,尽可能引入室外新风。
ཨོ་ལོ།
གཉིས་པ། ཁང་པའི་ནང་ལ་དུག་སེལ་ཇི་ལྟར་བྱེད་དགོས།
ཨོ་ལོ།
སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་བཅུག་ན་འགྲིག་པ་དང་། སྒེའུ་ཁུང་རྒྱུན་མཐུད་ཕྱེ་ནས་རླུང་རྒྱུག་ཏུ་བཅུག་ནའང་ཡག་པོ་ཡོད། ཉིན་རེའི་ཞོགས་པ་དང་ཕྱི་དྲོར་ཉུང་མཐར་ཡང་སྒེའུ་ཁུང་ཐེངས་རེ་ཕྱེ་དགོས་པ་མ་ཟད། ཐེངས་རེར་སྐར་མ་30ཡན་ཕྱེ་དགོས། སྒེའུ་ཁུང་ཕྱེ་ཡས་མེད་པའམ་རླུང་རྒྱུག་ས་ཡག་པོ་མེད་ཚེ། རླུང་གཡབ་དང་རླུང་འཁོར་སོགས་འཕྲུལ་ཆས་ཀྱིས་རླུང་རྒྱུག་ཏུ་འཇུག་ནས། ཕྱིའི་མཁའ་རླུང་གསར་པ་རྒྱུག་ཏུ་བཅུག་དགོས།
紧紧依靠人民群众 坚决打赢疫情防控阻击战
མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
来源:青稞视界